// སྤེལ་མཁན། :gomanglibrary // སྤེལ་ཚེས། :Tuesday, January 12, 2016

ཁ་སང་སྟེ་ཕྱི་ཚེས་༡༠རེས་གཟའ་ཉི་མའི་ཉིན་གྲྭ་ཚང་འདི་ཉིད་ཀྱི་མཁན་ལས་ཟུར་རྣམ་པ་དང་། ཀུན་མཁྱེན་གསུང་འབུམ་དཔར་སྐྲུན་སྦྱིན་བདག་ཨ་རིའི་(Ama-Sandra Esner) ཨ་མ་སེན་ཊི་རཱ་ཨེ་སུའུ་ནར།

སྦྱིན་བདག་མཚམས་སྦྱོར་བྱེད་པོ་རང་གྲྭ་དགེ་བཤེས་ངག་དབང་བསམ་གཏན་བཅས་ཚོགས་དབུས་སུ་གདན་ཞུས་དང་འབྲེལ་གསུང་འབུམ་པོད་བཅུ་དྲུག་གི་བདག་ཉིད་ཅན་སྤུས་ལེགས་དཔར་སྐྲུན་ལེགས་གྲུབ་དང་། <<འབྲས་སྤུངས་སྒོ་མང་གློག་རྡུལ་གཙུག་ལག་དྲ་མཛོད>>དབུ་འབྱེད་མཛད་སྒོ་གཉིས་རྒྱལ་ཁའི་ངང་གྲུབ།

ལས་གཞི་འདི་ངེད་དཔེ་མཛོད་ཁང་གི་ལས་བྱེད་ཐུན་མོང་ནས་འདས་པའི་མི་ལོ་གཉིས་ལྷག་གི་རིང་འབད་འབུངས་ནུས་པ་གཅིག་ཏུ་སྤུངས་པའི་གྲུབ་འབྲས་ངོམ་རི་བ་ཞིག་ཏུ་རློམ་ཡོད། འོན་ཀྱང་ང་ཚོའི་ལས་འཆར་མང་པོ་ཞིག་ད་དུང་ཡང་འགྲུབ་མེད། དཔེར་ན། འཇམ་པའི་དབྱངས་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ་དང་། ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱི་གསུང་འབུམ་ཕྱོགས་སྒྲིག་གི་ལས་གཞི་ཞིག་ཀྱང་འགྲོ་བཞིན་པ་ལྟར། རྣམ་དཀར་དགེ་བའི་ལས་འདི་འཆར་ལོའི་ནང་ལེགས་འགྲུབ་ཡོང་བར་ཐུགས་སྨོན་དང་། ལེགས་སྤེལ་ཉེས་འགོག་གི་དགོངས་ཚུལ་སོགས་ཕྱོགས་ཡོངས་ནས་རྒྱབ་སྐྱོར་དང་ཐུགས་འཁུར་ཆེ་བཞེས་ཡོང་བའི་རེ་འདུན་བཅས།

དཔལ་ལྡན་འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་ནས་༢༠༡༦ཟླ་༡ཚེས་༡༡ལ་ཕུལ།


མཆན་ཞོག

རྩོམ་གསར་མངགས། | མཆན་གསར་མངགས།

// དཔར་སྐྲུན་བདག་དབང་། འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་། // དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ། //
གློག་འཕྲིན་ཁ་བྱང་། gomanglibrary360@gmail.com ཡང་ན། gomanglibrary@yahoo.com
ངོ་དེབ་ཁ་བྱང་། https://www.facebook.com/drepung.penzoekhang | ཁ་པར་ཨང་། 08301-245687